您的位置: 首页 >老年版>新闻中心>海南要闻>详细内容

2024年海南州重点民生实事项目建议的公告(藏文)

2023-10-10 00:00:00 点击:[] 字体:

   2024ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་གི་ལོ་ཞིག་ཡིན་ཞིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྲིད་གཞུང་གི་དམངས་ཚིས་བྱ་བའི་ཚན་རིག་རང་བཞིན་དང་། ཁ་གཏད་རང་བཞིན། ཀུན་ཕན་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་དང་མངོན་འགྱུར་སྔར་བས་ལེགས་པོ་བྱས་ཏེ། མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་མང་པོ་ལྡན་དུ་འཇུག་པར་བྱ་ཆེད།མཚོ་ལྷོ་ཁུལ་དམངས་ཆེན་འཐུས་མིས་སྲིད་གཞུང་གི་དམངས་ཚིས་དོན་དངོས་ལས་གཞི་འདེམས་གཅོད་བྱེད་ཐབས(ཚོད་སྤྱོད)ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ2024ལོའི་དམངས་ཚིས་དོན་དངོས་ལས་གཞིའི་གྲོས་གཞི་བསྡུ་རུབ་བྱ་རྒྱུར་ཐག་བཅད་པ་ཡིན། ད་ལྟ་ཡོངས་བསྒྲགས་བསྡུ་རུབ་ཀྱི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

  གཅིག བསྡུ་རུབ་དུས་ཚོད། 

  སྤྱི་བསྒྲགས་སྤེལ་ཉིན་ནས་བཟུང2023ལོའི་ཟླ11པའི་ཚེས10ཉིན་བར་མཚམས་འཇོག་རྒྱུ། 

  གཉིས། བསྡུ་རུབ་རྩ་དོན། 

  “དམངས་ཀྱི་འདོད་བློར་བརྩི་འཇོག་དང་། ཀུན་ཕན་མཉམ་སྤྱོད། གཙོ་གནད་འབུར་ཐོན། ཕན་འབྲས་ལ་དོ་སྣང་། གང་ནུས་དེ་སྒྲུབ། འཁོས་དཔག་ལས་སྒྲུབ”བཅས་ཀྱི་རྩ་དོན་ལྟར། མང་ཚོགས་ཀྱི་འབོད་སྒྲ་དང་དགོས་མཁོ་དེ་ཇུས་ཐག་གཅོད་སྐབས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གལ་ཆེ་ཆུང་དང་དལ་བྲེལ་གྱི་གནས་ཚུལ་གཞིར་བཟུང་ནས་མང་ཚོགས་ཀྱི་བསམ་འཆར་ཆེ་ཞིང་མྱུར་དུ་ཐག་གཅོད་དགོས་པ་དང་དེ་བཞིན་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཅུང་ཆེ་བའི་དོན་ཚན་གཙོ་གནད་དུ་བཟུང་ནས་བདམ་དགོས། 

  གསུམ། བསྡུ་རུབ་ནང་དོན། 

  ཡོངས་བསྒྲགས་བསྡུ་རུབ་བྱ་རྒྱུའི་དམངས་ཚིས་ལས་གཞིས་གཙོ་བོ་སྲིད་གཞུང་གི་ནོར་སྲིད་རང་བཞིན་གྱི་མ་དངུལ་གཏོང་བ་གཙོ་བོར་བཟུང་ནས། ཀུན་ཕན་རང་བཞིན་དང་། སྤྱི་ཕན་རང་བཞིན། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཟེངས་སུ་དོད་ཅིང་། ས་ཁོངས་ཀྱི་དོ་མཉམ་རང་བཞིན་དང་འདྲ་མཉམ་རང་བཞིན་ལ་དོ་སྣང་བྱེད་པའི་དམངས་ཚིས་རིགས་ཀྱི་སྤྱི་བའི་ལས་དོན་གྱི་ལས་གཞི་གཙོ་གནད་དུ་འཛིན་དགོས། དེའི་ནང་དུ་གཙོ་བོ་ལས་ཞུགས་ལས་གཏོད་དང་། མཁར་གྲོང་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། འགྲིམ་འགྲུལ་ཕྱིར་སྐྱོད། སྤྱི་ཚོགས་འགན་སྲུང་། རྒུད་སྐྱོབ་རོགས་སྐྱོབ། སློབ་གསོ་སྨན་བཅོས། རིག་གནས་ཡུལ་སྐོར། བདེ་ཐང་རྒན་གསོ། ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་བཅོས་སྐྱོང་། བཅའ་ཁྲིམས་རོགས་སྐྱོར། ཟས་རིགས་བདེ་འཇགས། སྤྱི་པའི་བདེ་འཇགས་སོགས་དམངས་ཚིས་ཀྱི་ཁྱབ་ཁོངས་དང་། དེ་བཞིན་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་ཚིས་དོན་དངོས་གཞན་དག་ཚུད་ཡོད། 

  བཞི། བསྡུ་རུབ་བྱེད་བཐས། 

  “དོན་དག་གཅིག་ལ་དྲན་སྐུལ་གཅིག”གི་བྱེད་ཐབས་ལྟར། གཙོ་བོ་དྲ་ཐོག་འཚོལ་བསྡུ་དང་། གློག་རྡུལ་སྦྲག་ཡིག འཕྲིན་ཡིག་སྦྲག་སྐྱེལ་བཅས་ཀྱི་རྣམ་པའི་ཐོག་ནས་འདོན་དགོས་པར་མ་ཟད། 2024ལོའི་མཚོ་ལྷོ་ཁུལ་གྱི་དམངས་ཚིས་དོན་དངོས་ལས་གཞི་བསྡུ་རུབ་རེའུ་མིག་ཀྱང་འབྲི་དགོས(ཁྱེད་རང་ཉིད་ཀྱིས་ཡིག་ཟམ་འདིར hnzmsssxm513@163.comཐོ་ཞུགས་བྱས་ཏེ་ཕབ་ལེན་བྱེད་དགོས། གསང་གྲངས་ནི། hnzms513ཡིན)། 

  (གཅིག)དྲ་ཐོག་འཚོལ་བསྡུ། ཁུལ་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་བརྒྱུད་དེ་ཡོངས་བསྒྲགས་བསྡུ་རུབ་བྱ་རྒྱུ།(དྲ་གནས། www.hainanzhou.gov.cn) 

  (གཉིས།)གློག་རྡུལ་ཡིག་སྒམ། hnzmsssxm513@163.com 

  (གསུམ།)འཕྲིན་ཡིག་བསྐུར་ཡུལ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཁུལ་ཚན་ཁག་ཆེན་པོ་བཞིའི་ཕྱོགས་བསྡུས་ཐོག་ཁང་གི་ཐོག་སོ་ལྔ་པའི་སྒོ་རྟགས་ཨང513པ། (སྦྲག་ཨང་། 813099 བརྙན་སྐྱེལ། 8511475) 

  རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ཧུར་ཐག་གིས་ཞུགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། དངོས་གནས་བྱ་རུང་བའི་བསམ་འཆར་དང་གྲོས་འགོ་བཏོན་ནས། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་དམངས་ཚིས་ཆ་རྐྱེན་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གནང་བར་ཞུ་ཞུ། 

    

    

  ཟུར་ཡིག 2024ལོའི་མཚོ་ལྷོ་ཁུལ་གྱི་དམངས་ཚིས་དོན་དངོས་ལས་གཞི་བསྡུ་རུབ་རེའུ་མིག 

    

    

    

    

  མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། 

  2024ལོའི་ཟླ10པའི་ཚེས9ཉིན།   

    

    

        

    

  2024ལོའི་མཚོ་ལྷོ་ཁུལ་གྱི་དམངས་ཚིས་དོན་དངོས་ལས་གཞི་བསྡུ་རུབ་རེའུ་མིག 

ལས་གཞི་བསྡུ་རུབ་རེའུ་མིག

ཁྱེད་ཀྱིས2024ལོར་ངེས་པར་སྒྲུབ་དགོས་པར་འདོད་པའི་དམངས་ཚིས་དོན་དངོས་ལས་གཞི།

ལས་གཞིའི་མིང་།

ལས་གཞིའི་རྒྱབ་ལྗོངས་དང་། ལག་བསྟར་ནང་དོན། གྲོས་གཞི།

རུས་མིང་།

ཐོབ་ཐང་།

ལོ་ཚོད།

གནས་ཡུལ།

འབྲེལ་གཏུག་ཁ་པར།